查看原文
游戏

གསེར་ཐང་བླ་རུང་གི་རྒྱུགས་སྤྲོད་གཟེངས་ཡིག་འབུལ་བའི་མཛད་སྒོ།

阳光慈悲 阳光之卫 2023-06-06

བོད་ཆུ་སྟག་ལོའི་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་ལོ་འཁོར་གྱི་འཆད་རྩོད་བློ་ཡིག་བཞིའི་སློབ་གཉེར་པའི་རྒྱུགས་འབྲས་གཟེངས་ཡིག་འབུལ་བའི་མཛད་སྒོ་དང་། བོད་ཆུ་སྟག་ལོའི་བླ་རུང་ལོ་མཇུག་རྒྱུགས་སྤྲོད་ཆེན་མོའི་འཛིན་གྲྭ་ཁག་གི་བཀའ་པོད་དམ་བཅའ། དཔྱད་རྩོམ་དམ་བཅའ། བགྲོ་གླེང་དམ་བཅའ། བཀའ་པོད་བགྲོ་གླེང་བཅས་ཀྱི་ཨང་རབ་འབྲིང་ཐ་གསུམ་ལ་རྒྱུགས་སྤྲོད་གཟེངས་རྟགས་འབུལ་བའི་མཛད་སྒོ་ཁག་བོད་ཆུ་ཡོས་ལོའི་བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའི་ཚེས་༡༧ཉིན་དང་ཕྱི་ལོ༢༠༢༣ལོའི༦ཚེས༦ཉིན་ཁྲི་ཤོང་ཀུན་དགའ་ར་བའི་ནང་གཟབ་རྒྱས་ངང་སྤེལ་བ་རེད། ‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍

མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་རྒྱུན་ལས་མི་སྣ་དང་སློབ་སྟོན་སྤྱིའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་། སློབ་སྟོན་ཟུར་བ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། མཁན་ཆེན་བསོད་དར་རྒྱས། སློབ་སྟོན་ཚོགས་གཙོ་ལས་ཐོགས་པ་མཁན་པོ་ཚུལ་ཁྲིམས། སློབ་སྟོན་ཟུར་བ་མཁན་པོ་གཙང་རོང་རིག་དར། མཁན་པོ་མགོ་ལོག་རིག་དར། སློབ་སྟོན་ཟུར་བ་མཁན་པོ་རིག་ལྔ། མཁན་པོ་བསྟན་འཛིན་ལྷག་པ་སོགས་འཛིན་གྲྭ་ཁག་གི་དབུ་འཛིན་མཁན་པོ་ཡོངས་ཕེབས་ཡོད་པ་རེད།‍

མཛད་སྒོའི་སྟེང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་འཛིན་གྲྭའི་མཁན་པོ་སྙུང་གཞི་ཡོད་མཁན་ཚོས་འཕྲོད་བསྟེན་ལ་དོག་ཟོན་དགོས་པའི་སྐོར་དང་། སློབ་སྟོན་སྤྱིའི་ངོས་ནས་མཁན་པོ་རྣམས་ཀྱི་བདེ་ཐང་ལ་དོ་སྣང་བྱེད་དགོས་པ། བླ་རུང་གི་ཁ་ཕྱོགས་དང་འབྲེལ་ཏེ་རང་ཚུགས་ཡོད་པའི་དོན་གྱི་རིས་མེད་དགོས་པའི་སྐོར། དཔེ་ཀློག་གི་གལ་ཆེའི་དགོས་པ། དཔེ་མཛོད་ཁང་གི་ཁྱད་ཆོས། མཁན་པོ་རྣམས་ཀྱི་རིག་གཞུང་འཆད་ཁྲིད་ཀྱི་ཉམས་མྱོང་བསྡུ་ལེན་དགོས་པའི་སྐོར་སོགས་བཀའ་སློབ་རིན་ཐང་ཅན་མང་པོ་གནང་བ། 








བླ་རུང་སློབ་སྟོན་གཞོན་པ་དང་རྒྱུགས་ལེན་དོ་དམ་པའི་ཚོགས་གཙོ་མཁན་པོ་རབ་ལྡན་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། 








2023.6.5

       

您可能也对以下帖子感兴趣

文章有问题?点此查看未经处理的缓存